10 ཟླ09པ།

དགེ་རྒན་ལགས།(སྒྲ)

ཡོངས་ཁུངས།:སྐད་འཕྲིན།  རྩོམ་པ་པོ།:

དགེ་རྒན་ལགས།

ཚིག།ཞི་བདེ་ཉི་མ།    དབྱངས།བློ་གསལ།

ལེན་མཁན།འབུམ་འཚོ་སྐྱིད།

མུན་པ་ཞིག་རིག་པས་གསལ་མཁན།

བདེན་དོན་ཞིག་སེམས་ལ་འབྲི་མཁན།

དུས་གསུམ་གྱི་སྒོ་མོ་འབྱེད་མཁན།

མི་ཚེ་ཡི་རིན་ཐང་སྩོལ་མཁན།

ཨོ་ཡེ།རིག་པའི་གཤོག་རྩལ་གནངས་མཁན་ཁྱེད་རང་ཡིན།

སྤོབས་པའི་ལ་རྒྱ་སྩོལ་མཁན་ཁྱེད་རང་ཡིན།

དྲིན་ལ་མཚོ་ལྟར་ཟབ་པའི་དགེ་རྒན་ཡིན།

ཨ་་་་་དགེ་རྒན་ལགས།

ཤེས་བྱའི་སྒྲོན་མེ་གངས་རི་ལ་སྦར་མཁན་ཁྱེད་རང་ཡིན་ནོ།

ངའི་སེམས་ཀྱི་སྐར་ཆེན་དེ་ཁྱོད་ཡིན།

ཨོ།.......དྲིན་ཆེན་དགེ་རྒན།

བརྩེ་བ་ཞིག་དྲོད་ཀྱིས་སྟེར་མཁན།

འགན་ཁྲི་ཞིག་སྤོབས་པའི་འདེགས་མཁན།

གཏན་ཚིགས་ཤིག་རུས་པས་སྐྱོང་མཁན།

མི་རབས་ཤིག་རིག་པས་བཞེངས་མཁན།

ཨོ་ཡེ།འོད་ཀྱི་ལམ་བུ་སྟོན་མཁན་ཁྱེད་རང་ཡིན།

བདེན་པའི་རིག་ལམ་བསྩོལ་མཁན་ཁྱེད་རང་ཡིན།

དྲིན་དེ་རི་ལས་མཐོ་བའི་དགེ་རྒན་ཡིན།

ཨ་་་་་དགེ་རྒན་ལགས།

རིག་པའི་སྐྱ་རེངས་གངས་རི་ལ་བསུ་མཁན་ཁྱེདརང་་ཡིན་ནོ།

ངའི་སེམས་ཀྱི་སྐར་ཆེན་དེ་ཁྱོད་ཡིན།

ཨོ........དྲིན་ཆེན།དགེ་རྒན།

版权信息

Copyright © 2017 Thonmi.net All Rights Reserved.པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག
邮箱:khatse@qq.com
青ICP备12000419号-1 公安备案号:63010502000013