11 ཟླ09པ།

བཤེས་གཉེན་མཆོད་པའི་མེ་ཏོག

ཡོངས་ཁུངས།:  རྩོམ་པ་པོ།:

བཤེས་གཉེན་མཆོད་པའི་མེ་ཏོག

---མཁས་དབང་ལོ་སྟོན་བརྩོན་འགྲུས་རྒྱ་མཚོ་མཆོག་ལ།

རྩོམ་པ་པོ།  རྡོ་སྐར་ཆེན།  བླ་བྲང་བཀྲ་ཤིས་འཁྱིལ།

མཚན་དཔེའི་ལང་ཚོ་རྫོགས་པ་སྨིན་ལེགས་སྐུ།།
མཚར་སྡུག་ལྟ་བས་མི་ངོམས་ཚངས་སྲས་མ།།
མ་ལྟར་མཉེས་གཤིན་དབྱངས་ལྡན་ངག་གི་ལྷས།།
སྡེབ་ལེགས་ཚིག་གི་མེ་ཏོག་དེང་འདིར་སྩོལ།།
མཁྱེན་དཔྱོད་ཆུ་འཛིན་འཁྲིགས་པའི་གདེངས་ཀ་ལས།།
ལྔ་རིག་གྲུ་ཆར་མན་ངག་བདུད་རྩིའི་རྒྱུན།།
གཟུར་གནས་སློབ་བུའི་སྙིང་ལ་འདོད་འཇོ་བའི།།
མཚུངས་མེད་བཤེས་གཉེན་དམ་པ་གཙུག་གིས་མཆོད།།
འགྲན་བྲལ་མཁས་མང་བྱེ་བའི་བསྟི་གནས་སུ།།
ལྔ་རིག་གནས་ཀུན་མཁྱེན་པའི་བཤེས་གཉེན་མཆོག།
སློབ་བུ་སྟོང་གི་རྨོངས་མུན་རབ་འཇོམས་པའི།།
མུན་སེལ་སྒྲོན་མེ་མགོན་ཁྱོད་ཕྱག་གི་ཡུལ།།
བློ་གྲོས་ཆེན་པོ་ནམ་མཁའི་མཐའ་ལྟར་ཡངས།།
བྱང་སེམས་ཉི་མའི་དཀྱིལ་འཁོར་དབྱིངས་སུ་འཛུམ།།
ལུང་དང་རིགས་པའི་འོད་ཟེར་ཕྱོགས་བཅུར་འཕྲོ།།
ཟླ་བྲལ་བཤེས་གཉེན་གླིང་འདིའི་རྒྱན་དུ་འཚེར།།
ཉིན་མོ་འཁོར་སྐྱོད་དུས་ལས་ཡོལ་མེད་པར།།
འཛིན་གྲྭ་སོ་སོའི་ཐལ་ཕྲེང་ཟུར་བཀོལ་སོགས།།
རིས་མེད་སློབ་བུ་སྟོང་ལ་ལེགས་ཁྲིད་པས།
དད་གསུམ་སྤྱི་བོའི་གཙུག་གིས་ལན་བརྒྱར་མཆོད།།

རིགས་ལམ་མེ་ཏོག་བཀྲ་བའི་སྐྱེད་ཚལ་ནས།།
ལེགས་འཁྲུངས་ཡིད་འོང་ཞིམ་མངར་ཟེའུ་འབྲུའི་བཅུད།།
བརྩོན་ལྡན་རྐང་དྲུག་ཚོགས་ལ་འདོད་འཇོ་བའི།།
བརྩེ་བའི་སློབ་དཔོན་མིག་གི་དཔྱིད་དུ་སྒེག།
བཀའ་པོད་རྣམ་ལྔའི་དགོངས་པ་ཟབ་མོའི་དོན།།
སྐལ་ལྡན་སློབ་བུ་སྟོང་ལ་ལེགས་འཆད་པ།།
མདོ་སྔགས་གཞུང་ལུགས་སྤེལ་ལ་ཟླ་བྲལ་བས།།
རིག་པའི་དཔའ་བོར་གྲགས་པ་ཁྱོད་མིན་སུ།།
མགོན་ཁྱོད་རྣམ་དཔྱོད་གསེར་གྱི་མཚོ་མོ་ལ།།
ལྔ་རིག་ཤེས་བྱའི་གནས་ཀུན་ལེགས་འཁྱིལ་བས།།
བགྲང་མེད་སློབ་བུའི་ཡིད་ཀྱི་ཞིང་ས་རུ།།
འཛད་མེད་དངོས་གྲུབ་རློན་མཁས་རྒྱལ་བའི་སྲས།།
ཁྱད་པར་སྡེ་འདིའི་འཆད་ཉན་བཤད་སྒྲུབ་སོགས།།
དབྱར་གྱི་དཔལ་ཡོན་ཇི་བཞིན་རྒྱས་པ་དང་།།
གང་གི་སྐུ་ཚེ་རི་རྒྱལ་ལྷུན་པོ་བཞིན།།
བསྐལ་བརྒྱར་བརྟན་པའི་སྨོན་ལམ་ཡང་ཡང་འདེབས།།
ལྷོ་རྒྱུད་བཀྲ་ཤིས་འཁྱིལ་བའི་གྲིབ་བསིལ་འོག།
བསྟི་བའི་སློབ་བུ་རྡོ་བུ་སྐར་ཆེན་གྱིས།།
མགོན་པོ་གང་གི་མཛད་འཕྲིན་ཁབ་རྩེ་ཙམ།།
ཐོལ་བྱུང་སྙན་ཚིག་སྨྱུག་རྩེའི་བར་ནས་བརྡོལ།།
༢༠༠༨/༡༢/༨ཉིན་བླ་བྲང་ནས་བྲིས་པ་དགེའོ།།

2

3

版权信息

Copyright © 2017 Thonmi.net All Rights Reserved.པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག
邮箱:khatse@qq.com
青ICP备12000419号-1 公安备案号:63010502000013