11 ཟླ09པ།

རྒན་ལགས། ང་ནི་ཁྱེད་ཀྱི་སློབ་མ་རྒྱགས་པ་ཆུང་ཆུང་དེ་ཡིན།

ཡོངས་ཁུངས།:  རྩོམ་པ་པོ།:

རྒན་ལགས།ང་ནི་ཁྱེད་ཀྱིས་མིག་གི་འབྲས་བུ་ལྟར་སྲུང་ཞིང་ཁོག་གི་སྙིང་ལྟར་གཅེས་པོ་བྱེད་པའི་ཉིད་ཀྱི་སློབ་མ་རྒྱགས་པ་ཆུང་ཆུང་དེ་ཡིན།ལས་དབང་ཞིག་དང་དམ་ཚིག་ཅིག བསྐལ་བཟང་ཞིག་གི་རླུང་བུས་དེད་དེ་ང་རང་ཁྱེད་ཀྱི་ཉེ་འགྲམ་དུ་ཤེས་ཡོན་སྦྱོང་བའི་གོ་སྐབས་བྱུང་།སློབ་ཆུང་གི་རྒྱལ་སྒོ་འགྲིམ་མ་ཐག་པའི་ང་རང་རང་མིང་འབྲི་ཐུབ་རྒྱུ་ལྟ་ཞོག་སྨྱུ་གུ་ཡང་བརྟན་པོ་འཛིན་མ་ཐུབ།  ཐ་ན་གོས་ཐུང་ཡང་རང་རྐྱ་འཕེར་པོས་གྱོན་མི་ཤེས་ལ།  ལྷམ་སྒྲོག་ཀྱང་བཅིངས་མ་ཐུབ་པར་ལུས་པའི་སྐབས་སུ་ཁྱེད་ཀྱིས་ངང་རྒྱུད་རིང་པོས་ང་ལ་བརྩེ་བ་གནང་ཞིང་བྱམས་ཀྱིས་བསྐྱངས་གནང་བྱུང་།  

རྒན་ལགས།  ཁྱེད་ཀྱིས་ཐུགས་དྲན་གསོས་ཀྱི་འདུག་གམ།      ཐེངས་ཤིག   སློབ་གསེང་ངལ་གསོའི་སྐབས་ངས་གཟབ་གཟབ་མ་བྱས་པར་འདྲེད་བརྡར་ཤོར་ཏེ་མགོ་ལ་རྨས་སྐྱོན་ཅུང་ཟད་བྱུང་།  དམར་ཆིལ་ཆིལ་གྱི་ཁྲག་ངའི་དཔྲལ་བ་བརྒྱུད་ནས་ཟགས་པ་ཚོར་དུས་ང་རང་ཞེད་ཐག་ཆོད་དེ་ངུ་སྐད་ཆེན་པོ་འཆོར།  སློབ་གྲོགས་གཅིག་གིས་གནས་ཚུལ་དེ་རྒན་ལགས་ཁྱེད་རང་ལ་སྙན་གསེང་ཞུས།  ཁྱེད་ཀྱིས་དེ་མུར་བྱ་འཕུར་བ་ལྟར་ང་ལ་གཟིགས་པར་ཕེབས་ཤིང་གསུང་ངག་འཇམ་པོས“བུ་མོ”ཞེད་དགོས་མ་རེད།   རྒན་ལགས་ཀྱིས་ལམ་སེང་སྨན་ཁང་དུ་འཁྲིད་ཆོག་ཅེས་ངའི་དཔུང་པར་ཅག་ཅག་གནང་གིན་ངོ་གདོང་སྟེང་གི་ཁྲག་ཐིགས་འཕྱིད་ཤོར་ང་རང་དམ་པོར་པང་དུ་བཏབ་སྟེ་སྨན་པ་བསྟེན་པར་བསྐྱོད།  སྨན་པས་ངའི་རྨ་ཁ་ཚབས་ཆེན་པོ་མེད་པ་གསུང་སྐབས་ཁྱེད་རང་གཞི་ནས་བློ་ལྷོད་ལ་བབས་ཤིང་ངོ་གདོང་ནས་འཛུམ་མདངས་ཅུང་ཟད་ཐོན།    དེའི་ཉིན་མོ་ངའི་ཡབ་ཡུམ་གཉིས་ཀྱིས་བྲེལ་བྲེལ་འཚུབ་འཚུབ་ངང་སྨན་ཁང་དུ་ང་ལ་ལྟ་བར་ཕེབས། བློ་ཕངས་པ་ཞིག་ལ། ཁྱེད་ལ་ཐུགས་རྗེའི་བཀའ་མོལ་ཚིག་གཅིག་མེད་པར།  དེ་ལས་ལྡོག་སྟེ་ངའི་བུ་མོ་ཡང་སྙིང་གང་འདྲ་བྱས་པ་རེད།  གལ་སྲིད་ངའི་བུ་མོར་སྟབས་མི་ལེགས་འདྲ་བྱུང་ན་གང་འདྲ་བྱེད།  ད་རྗེས་མ་ངའི་བུ་མོའི་ཀླད་པར་སྐྱོན་ཤོར་མ་ཡོང་ངམ་ཞེས་འཁང་ར་དང་ཁག་དཀྲི་གནང་།

སྐབས་དེ་དུས་ཁྱེད་རང་གིས།  དགོངས་པ་མ་ཚོམ།  ང་ཚོས་ཕྲུ་གུའི་བདེ་འཇགས་འགན་སྲུང་མ་ཐུབ་པ་རེད།  རྗེས་སུ་ཡིད་གཟབ་བྱས་ཆོག་ཅེས་གསུངས་པ་ཐོས་དུས།  ངའི་དམར་ཆུང་སེམས་པ་གྲང་ཅང་ཅང་དུ་གྱུར་བ་དང་།   བཀའ་དྲིན་ལ་བསམ་ཤེས་མ་ཐུབ་པའི་ཕ་མར་ང་ཞེ་གཏིང་ནས་བསུན་མྱོང་།

རྒན་ལགས།    གློ་བུར་གྱི་གནས་ཚུལ་འདི་འདྲ་ཐོན་དུས་ཁྱེད་ལ་ལེ་ཁག་ཅི་ཡོད།  ཁྱེད་ཐམས་ཅད་མཁྱེན་པ་མིན་པས་འགོག་ཐབས་ཤིག་ཅི་ལ་ཡོད།   ཁྱེད་རང་ལ་བསམ་ཤེས་བྱ་མཁན་མེད་པར་གྲོགས་མེད་ཁེར་རྐྱང་དུ་ལུས་སྐབས་ངའི་མགོ་ལུས་ཡོངས་འཁྱགས་སིལ་སིལ་བྱེད།

རྒན་ལགས།  ཐུགས་མ་ཚབ།  སེམས་མ་ཕམ་ཨང་།  ཁྱེད་ཀྱིས་ང་ཚོར་བདེ་འཇགས་སྐོར་གྱི་ཤེས་བྱ་གསུངས་གནང་བ་ང་ཚོས་ཡིད་ལ་བརྟན་པོར་ངེས་ཡོད་ལ།  ཁྱེད་ཀྱིས་ང་ཚོར་མི་གཤིས་བཟང་པོ་དགོས་པའི་བཀའ་སློབ་གནང་བ་ང་ཚོས་རྡོ་ལ་རི་མོ་བརྐོས་པ་ལྟར་བློ་ལ་བཟུང་ཡོད།

རྒན་ལགས།   ཉིན་ལྟར་གྱི་ཞོགས་པ།  སྐྱེ་བོ་ཕལ་མོ་ཆེ་འཇམ་པོའི་མལ་དུ་ཉལ་ཞིང་རྨི་ལམ་གྱི་ཞིང་ཁམས་བསྐོར་བར་ཕེབས་དུས།  ཁྱེད་རང་སྔ་ས་ནས་དྲོད་འཁོལ་མལ་ལས་བྲལ་ཏེ་སློབ་གྲྭར་བསྐྱོད་པའི་ལམ་དུ་ཞུགས་ཟིན།  དགུན་དུས་ཀྱི་གྲང་ངར་དང་དབྱར་དུས་ཀྱི་ཚ་གདུང་ཅི་འདྲའི་ཆེ་ཞིང་།   ནམ་དུས་ཀྱི་འགྱུར་བ་ཇི་འདྲ་ཆེ་ཡང་།   ནམ་ཡང་འགྱུར་དུ་མེད་པ་ནི།  སློབ་ཕྲུག་ཚོ།   སང་ཉིན་སྔ་ཙམ་སློབ་གྲྭར་འབྱོར་དགོས།   ཞོགས་པ་བློ་རིག་གསལ་བའི་སྒང་ཡིན་པས་ང་ཚོས་ངེས་པར་དུ་དཔེ་དེབ་མང་ཙམ་ཀློག་དགོས་ཞེས་པའི་བཀའ་མོལ་དེ་རེད།    ང་ཚོའི་དཔེ་དེབ་ཀློག་པའི་སྒྲ་དབྱངས་དེ་ནི་ཁྱེད་སྤྲོ་བའི་དབྱངས་ཅན་ངག་གི་འགྱུར་ཁུག་དེ་རེད་ལ།  ཁྱེད་ཀྱི་ལུས་སེམས་གསོ་བའི་སྨན་མཆོག་བདུད་རྩིར་སོམས།

རྒན་ལགས།   ཁྱེད་རང་གིས་ཏན་ཏན་མཉེས་ཡོད་ཀྱི་རེད།   ཉིན་དེའི་ཞོགས་པ་གློག་དམར་འཁྱུག་ཅིང་འབྲུག་སྐད་ལྡིར་ལྡིར་གྲགས།   དྲག་ཆར་ཤག་ཤག་ཏུ་བབས་བཞིན་འདུག་པས་སློབ་མ་དང་ཁྱིམ་བདག་མང་ཆེ་བའི་བསམ་པར་ད་ནངས་རྒན་ལགས་ཏན་ཏན་སྔ་པོ་ཕེབས་ཐུབ་ཀྱི་མ་རེད་སྙམ་སྟེ་ཆར་ཤུགས་ཆུང་དུ་ཕྱིན་རྗེས་སློབ་གྲྭར་འགྲོ་རྒྱུའི་ཐག་བཅད།  ཡིན་ནའང་ཁྱེད་རང་ནི་སྔ་ས་ནས་འཛིན་གྲྭའི་ནང་ཕེབས་ཟིན་ཞིང་།  སྐུ་ལུས་སྟེང་གི་ཆར་ཆུ་དཀྲུག་གིན་སྐེ་ནར་ནར་དང་རྟིང་པ་བཀྱག་བཀྱག་བྱས་ཏེ།   སྐུ་སྟོད་སྒེའུ་ཁུང་ལ་ཕྱོགས་ཀྱིན་སློབ་མ་ཚོ་ཡོང་རྒྱུར་རེ་ཞིང་སྒུག  

རྒན་ལགས།  ངས་ངེས་གསལ་ལ།   གྲང་རླུང་འུར་འུར་དུ་ལྡང་བའི་ཞོགས་པ་ཞིག  ང་རང་དཔེ་ཁུག་རྒྱབ་ཏུ་འཁུར་ནས་གོམ་ཞེང་ཆེན་པོས་འཛིན་གྲྭའི་ཕྱོགས་སུ་ཡོང་སྐབས།  ཤ་རིད་ལ་སྟོབས་ཆུང་བ།  འདྲིས་ཆེ་བའི་གཟུགས་བརྙན་ཞིག་འཛིན་གྲྭའི་བར་འཁྱམས་ནང་ཅི་ཞིག་ལ་མགོ་འཁོར་ཏེ་བསྡད་པ་མཐོང་བྱུང་།  ངས་གོམ་སྟབས་དལ་དུ་བཏང་རྗེས་ཕྲུ་གུ་དེའི་འཁྲིས་སུ་བཅར་སྐབས།  གསལ་ལ་མི་གསལ་གྱི་བར་འཁྱམས་གློག་འོད་དང་།  གྲང་ཅང་ཅང་གི་རྫ་ཕག་སྟེང་ལོ་ན་ཆུང་བའི་བུ་མོ་ཞིག་ལག་གཡས་སུ་འགུལ་རིས་དེབ་ཆུང་ཐོགས།   ལག་གཡོན་དུ་སྒོ་ངའི་བག་ལེབ་ཕྱེད་ཀ་ཞིག་འཛིན་བསྡད་པ་མཐོང་བྱུང་།  ཞིབ་པར་ལྟ་དུས་འཁྱགས་ནས་ངོ་མདོག་དམར་པོར་གྱུར་པའི་བུ་མོ་ཆུང་ཆུང་དེ་ནི་ཁྱེད་ཀྱི་བུ་མོ་ཡིན་པ་ཤེས་བྱུང་།   ཁྱེད་རང་སྔ་ས་ནས་འཛིན་གྲྭའི་ནང་ཕེབས་ཟིན་ཞིང་སློབ་ཁྲིད་བྱེད་པའི་གསུང་སྐད་ལྷང་ལྷང་སྒྲོག་གིན་འདུག   ངས་ལག་ཐོགས་ཆུ་ཚོད་ལ་ལྟ་དུས་གཞི་ནས་ཞོགས་པའི་ཆུ་ཚོད་དྲུག་དང་སྐར་མ་བཞི་བཅུ་རེད་འདུག   བུ་མོ་ཆུང་ཆུང་བྱིས་གསོ་ཁང་དུ་འགྲོ་བར་ད་དུང་ཆུ་ཚོད་གསུམ་ཙམ་འདུག   ཡ་ང་བའི་བུ་མོ་ཆུང་ཆུང་མཐོང་སྐབས།  ངའི་མགྲིན་པ་ཡོངས་སུ་བརྣངས་ཤིང་མཆི་མའི་རྡོག་པོ་དཀར་འཇམ་ངོ་གདོང་སྟེང་ནས་འཛགས།  གནམ་འོག་ན་རང་གི་ཤ་ལས་ཆད་པའི་བུ་ཕྲུག་ལ་ཁ་ཡ་མེད་པར་གཅེར་བུར་འཇོག་ཅིང་།  གཞན་གྱི་བུ་ཕྲུག་ལ་ཡོད་ཚད་སྦྱིན་པར་འདོད་པའི་སྙིང་སྟོབས་འདི་འདྲར་ང་སེམས་གཏིང་ནས་སྨོན་བྱུང་།

རྒན་ལགས།  ཁྱེད་ཀྱིས་རྩ་ཆེའི་ངལ་གསོའི་དུས་ཚོད་བློས་གཏོང་གིས་ང་ཚོར་ཞོགས་ཚོགས་དང་དགོང་ཚོགས་ག་ཚོད་འཚོགས་པ་བགྲངས་མི་ཚར་ལ།  ང་ཚོའི་སེམས་ཁམས་ཀྱི་ཞིང་སར་ཤེས་རིག་གི་སྦྲང་ཆར་ཐེངས་ག་ཚོད་ཕབ་མྱོང་བ་དེ་བས་བགྲངས་ག་ལ་ཚར།  དྲག་ཆར་དང་རླུང་འཚུབ།   ཁ་བ་དང་བུ་ཡུག་ཅི་འདྲའི་ངར་འཚུབ་ཆེ་རུང་།ཁྱེད་ཀྱིས་སློབ་མ་རྣམས་ལ་བཅངས་པའི་ལྷག་བསམ་དེ་བཅོམ་ག་ལ་ཐུབ།   

རྒན་ལགས།   ཁྱེད་ཀྱི་གཞན་ཕན་ལྷག་བསམ་དང་།  བླ་མེད་སྙིང་སྟོབས་ལ་ང་ཚོས་ནམ་ཡང་དད་གུས་ཞུ་བཞིན་ཡོད།   

རྒན་ལགས།  ཁྱེད་རང་གིས་མཁྱེན་བྱུང་ངམ།   ང་ཚོའི་འཛིན་གྲྭའི་སློབ་མ་མང་པོ་ཞིག་གིས་རང་ཉིད་ཆེན་པོ་ཆགས་རྗེས་ཁྱེད་དང་འདྲ་བའི་མི་དམངས་ཀྱི་དགེ་རྒན་ཞིག་བྱེད་འདོད་ཡོད་ཟེར།   ཁྱེད་ཀྱི་སྐུ་ལུས་སྟེང་ནས་ང་ཚོས་རང་དོར་གཞན་གཅེས་ཀྱི་སྙིང་སྟོབས་ལ་ངེས་ཤེས་རྙེད་བྱུང་ལ།  སློབ་གསོའི་ལས་འགན་གཙོ་བོ་ནི་འཚོ་ཐབས་འཚོལ་རྒྱུ་དེ་མིན་པར་སྤྲོ་བ་འཚོལ་རྒྱུ་དང་གཞན་ཕན་གྱི་སྙིང་སྟོབས་ལ་སྐུལ་སློང་བྱེད་རྒྱུ་དེ་ཡིན་པ་ང་ཚོས་གསལ་པོ་ཤེས་བྱུང་།

རྒན་ལགས།   རྣམ་ཀུན་ཁྱེད་ཀྱིས་ང་ཚོའི་ཕྱོགས་ཡོངས་ཀྱི་ནུས་པ་གསོ་སྐྱོང་དང་།  ལྷག་པར་དུ་མི་གཤིས་བཟང་པོ་གསོ་ཐབས་སྐོར་གྱི་མི་ཆོས་ཀུན་སྤྱོད་སློབ་གསོར་སྣང་ཆེན་བྱས་དྲགས་པའི་དབང་གིས།  མཚམས་རེ་དེབ་ཐོག་གི་ཤེས་བྱ་རྐྱང་པ་རྒྱུགས་སྤྲོད་སྐབས།  ང་ཚོའི་རྒྱུགས་འབྲས་མཐོ་པོ་དེ་ཙམ་ཡོང་གི་མེད།  སྐབས་དེ་དུས་ཡིག་རྒྱུགས་སྐར་གྲངས་ཁོ་ན་གཙིགས་སུ་བཟུང་མཁན་གྱི་དབུ་ཁྲིད་ཁ་ཤས་དང་།  ཁྱིམ་བདག་མང་པོ་ཞིག་གིས་ཁྱེད་ཀྱི་མཁྱེན་རྒྱ་ཡངས་པའི་ཁྲིད་ཐབས་དང་། བྱམས་བརྩེའི་བཀའ་དྲིན་ལ་ངོ་བསྟོད་བྱ་རྒྱུ་ལྟ་ཅི།  དེ་ལས་ལྡོག་སྟེ། ཁྱེད་ལ་འཇོན་ཐང་མེད་ལུགས་དང་།  སློབ་ཁྲིད་ཀྱི་ནུས་རྩལ་སྐྱོ་པོ་ཡིན་རབས་སོགས་དམའ་འབེབས་དང་མཐོང་ཆུང་།  ངན་སྨྲས་ཀྱང་བྱེད་མྱོང་ཡོད།

རྒན་ལགས།  དཔའ་མ་ཞུམ།  སྙིང་མ་སྡུག་ཨང་།  ཁྱེད་ཀྱི་བལ་ལས་འཇམ་པའི་ཐུགས་གཤིས་དང་།  ཆུ་མོ་ལས་རིང་བའི་ངང་རྒྱུད།  བྱམས་དང་སྙིང་རྗེའི་རྩིས་ཀྱིས་ཟིན་པའི་ཁྲིད་ཐབས་ཡོད་པ་ལ་བརྟེན་ནས་ང་ཚོའི་ལུས་སེམས་བདེ་ཐང་ངང་འཚར་བཞིན་ཡོད་ལ།   སློབ་གསོ་མྱོང་བའི་མཐར་ཐུག་གི་དམིགས་ཡུལ་ནི་མི་ཀུན་སྤྱོད་བཟང་པོ་ཞིག་བྱ་རྒྱུ་ཡིན་པ་ང་ཚོས་དེ་བས་ཤེས་ཀྱི་ཡོད།   ལྷག་དོན་ཁྱེད་ཀྱི་ཡང་དག་ལམ་སྟོན་ཡོད་པ་ལ་བརྟེན་ནས་ང་ཚོས་ཤེས་རིག་གི་ཐང་ཆེན་ཡངས་པོར་མདུན་སྐྱོད་ཀྱི་གོམ་པ་སྤོ་མཚམས་འཇོག་མ་མྱོང་།

རྒན་ལགས།  ཁྱེད་ཀྱི་བཀའ་དྲིན་རི་བོ་ལས་མཐོ་ཞིང་རྒྱ་མཚོ་ལས་ཟབ།   ཁྱེད་ཀྱིས་ང་ཚོར་ཀ་ཁའི་འབྲི་ཀློག་བསླབས་གནང་བ་མ་ཟད།   མི་གཞི་བཟང་པོ་ཞིག་གསོ་སྐྱོང་གནང་།  ཁྱེད་དང་ང་ཚོའི་བར་གྱི་གཏམ་རྒྱུད་བརྗོད་ནས་མི་ཚར་ལ།   བྲིས་ན་དེ་བས་ག་ལ་ཚར།  སྐབས་སོ་བཞི་པའི་དགེ་རྒན་དུས་ཆེན་སླེབས་ལ་ཉེ་བའི་མཚམས་འདིར་ངས་འདས་དོན་མང་པོ་ཞིག་ལ་དྲན་གསོ་བྱ་ཀྱིན།   ཁྱེད་ལ་ལྷད་མེད་ཀྱི་སྨོན་ཚིག་ཅིག་བསྒྲོན་ན་འདོད་བྱུང་།   

དགེ་རྒན་བཟང་པོའི་བཀའ་དྲིན།  །

མ་བརྗེད་ཡིད་ལ་བཞག་ཡོད།  །

བུ་ངས་ཤེས་ཡོན་སྦྱངས་ཏེ།  །  

ཁྱེད་ཀྱི་པང་དུ་ལོག་ཆོག  །

རྒན་ལགས་སྐུ་ཚེ་བརྟན་ཅིང་།  །

མཛད་འཕྲིན་ཡར་འཕེལ་ཡོང་བའི།  །

བཀྲ་ཤིས་སྨོན་ཚིག་བཟང་པོ།  །

ཁྱེད་ཀྱི་ཕྱོགས་ལ་ཕུལ་ཡོད།  །

རྒན་ལགས།  སྐུ་ལས་ཁག་སོང་།

2

3

版权信息

Copyright © 2017 Thonmi.net All Rights Reserved.པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག
邮箱:khatse@qq.com
青ICP备12000419号-1 公安备案号:63010502000013