10 ཟླ09པ།

སེམས་ཀྱི་མཆོད་པ།---རྒྱལ་སྤྱིའི་སྐབས་སོ་བཞི་བའི་དགེ་རྒན་དུས་ཆེན་ལ་ཕུལ་བ།

ཡོངས་ཁུངས།:སྐད་འཕྲིན་ལས་བཤུས།  རྩོམ་པ་པོ།:ཁྲི་ཚ་སྐལ་སྒྲོན།

སེམས་ཀྱི་མཆོད་པ།

རྒྱལ་སྤྱིའི་སྐབས་སོ་བཞི་བའི་དགེ་རྒན་དུས་ཆེན་ལ་ཕུལ་བ།

ཁྲི་ཚ་སྐལ་སྒྲོན།

འདྲེན་བྱེད་ཡངས་པོར་བརྩེ་བའི་པད་དཀར་གཟུགས།།

རྣམ་པར་བཀྲ་བའི་གདུལ་བྱ་བུང་བའི་ཚོགས།།

ཀུན་ནས་ཕྱོགས་སུ་བསྐྱོད་ལ་སྙན་པའི་དབྱངས།།

བྱིན་སྣང་འདོད་དགུར་སྩོལ་བའི་དབྱངས་ཅན་མ།།

རེ་ཞིག་བདག་བློ་དམན་པའི་དབུས་སུ་བྱོན།།

ནམ་ཟླ་སྟོན་གྱི་རི་ལ་གསེར་ཞུན་བྱུགས།།

རོང་ས་དམར་བོའི་གཞོངས་ལ་ལོ་ཡག་སྨིན།།

འགྲོ་ཀུན་བཀྲ་ཤིས་སྣང་བའི་འཚོ་སྡོད་གཞིར།།

སློབ་གསོའི་ཉི་གཞོན་དཔལ་གྱིས་འཚེར་བའི་མོད།།

དགེ་རྒན་དུས་སྟོན་ཉིན་མོ་སེམས་ཀྱིས་མཆོད།།

སྙིང་དབུས་པདྨོ་འཛུམ་པའི་གུར་ཁང་ན།།

ལེགས་བཤད་བདུད་རྩིའི་ཟིལ་བ་ཕྱོགས་སུ་གཏོར།།

བརྩེ་དགའི་བཅུད་ལ་རོལ་བའི་བྷྲཿམ་རར།།

ཟིལ་དངར་གེ་སར་གཞིབ་ལ་ཕངས་མེད་པའི།།

སྐྱེ་རྒུའི་བཤེས་སུ་འབོད་པ་ཀུན་ལས་རྒྱལ།།

ཞལ་གསུང་ཆུ་གཏེར་བརྡོལ་བའི་ཀློང་ཡངས་སུ།།

བསྔགས་པའི་དར་ལ་ཚོན་གྱིས་རྒྱན་སྤུད་དེ།།

མཛད་པའི་ཆུ་རླབས་རྩེན་པའི་དབྱིངས་རུམ་ན།།

ངལ་མེད་བསྐྱོད་ལ་ཡོན་ཏན་མཛོད་འདྲེན་པའི།།

སེམས་པའི་གྲུ་ཆེན་དགེ་བའི་བཤེས་གཉེན་མཆོག།།

དཔེ་ཁྲིད་གཤིས་སྐྱོང་སྡིངས་ཆའི་དཀྱིལ་འཁོར་འོག །།

ལུས་རྟེན་གསེར་གྱི་ཡུ་བ་མ་གས་པར།།

སེམས་གཤིས་དངུལ་གྱི་རང་མདངས་མ་ཡལ་བར།།

སློབ་གསོའི་པང་བར་ཡུན་རིང་གནས་བཅས་པ།།

བརྩེ་བས་མི་འདོར་དམ་པ་རྣམས་ལ་བསྟོད།།

གཟི་མིག་མདངས་སུ་བརྩེ་བའི་འོད་འཕྲོ་ཞིང་།།

དཀའ་བ་གཞལ་མེད་གྲངས་ཀྱིས་འདས་ན་ཡང་།།

དགའ་བའི་རྣམ་འགྱུར་གདོང་ལ་ཉེར་བསུས་ཏེ།།

སློབ་གཉེར་ཕོ་མོ་འདྲ་མཉམ་སྐྱོང་མཁས་པ།།

མཛད་འཕྲིན་ཀུན་ལས་འཕགས་པའི་དེད་དཔོན་བཀུར།།

ཐོས་འཛིན་དབྱངས་གསལ་སྒྲ་དག་རྒྱུ་བའི་ལམ།།

སྟེང་གི་ཇུས་ལུགས་འགན་བབ་བགྱི་བའི་ལས།།

ལག་བསྟར་དངོས་འབེབས་ཡིག་ཚགས་སྣ་ཚོགས་པ།།

འདྲུད་པའི་འཁོར་ལོ་བརྒྱ་ཡིས་མི་ཐེག་པ།།

དམ་པས་ངལ་མེད་ནུས་ལ་སུས་མི་བསྟོད།།

ལེགས་བྱས་རིག་གནས་སྦྱོང་བའི་ཁོར་ཡུག་ཏུ།།

ཕུན་ཚོགས་སྦྲང་ཆར་ཤག་ཤག་འཇོ་བའི་གཞིར།།

ཕྲ་ཚོམ་མེ་ཏོག་བཏབ་འདྲའི་ཐོས་པའི་ཚོགས།།

དྲི་འཛིན་ཡུལ་ལ་དགའ་བདེས་དཔལ་སྟེར་བའི།།

སེམས་ཀྱི་མཆོད་པ་གཙུག་གི་ཉི་མར་འབུལ།།

འཁོར་བའི་ཆུ་འཛིན་གཡོ་བའི་གྲལ་མཐའ་རུ།།

རང་དོན་སྨིག་རྒྱུ་གང་སར་མཆེད་ན་ཡང་།།

གཞན་གྱི་བྱིས་པ་སེམས་ཀྱིས་གུར་ཕུབ་ནས།

ཆར་ཞོད་གཞོལ་ལ་ཕན་པའི་དྲོད་སྦྱིན་པ།།

དོན་མཐུན་བུ་སློབ་དགའ་བའི་མགོན་ལ་བཞུགས།།

མི་ཚེ་རིང་མོའི་བཞུད་ལམ་ཡངས་པོ་རུ།།

དོན་གཉེར་གྲངས་མེད་ཅིག་ལ་ལམ་སྟོན་པའི།།

མགོན་ཁྱོད་མི་གཤིས་བཅོས་ལ་ཐབས་ལེགས་ཤིང་།།

དྲང་བདེན་ཆོག་ཤེས་བརྩི་ལ་བློ་དཀར་བ།།

སློབ་སྟོན་གཟུ་བོར་སྐྱོང་དེ་བསྔགས་པའི་ཡུལ།།

ཤར་རིའི་རྩེ་ནས་སྟོན་ཟླ་གསལ་བའི་འཛུམ།།

རིག་པའི་གླིང་གར་བསིལ་བར་སྤྲོ་བའི་གཞིར།།

དགེ་སློབ་མང་པོ་སྐར་ཚོགས་བཀྲ་བ་ལ།།

ལྷན་ཅིག་བདག་བློ་ཨུཏྤལ་ཡོངས་བཞད་ནས།།

སེམས་ཀྱི་མཆོད་པ་ཤིས་པའི་སྐྱེས་སུ་འདྲེན།།

2018.9.10གུང་གསེང་དུ་སྦྱར་བ་དགེའོ།།

2

སེམས་ཀྱི་མཆོད་པ།

རྒྱལ་སྤྱིའི་སྐབས་སོ་བཞི་བའི་དགེ་རྒན་དུས་ཆེན་ལ་ཕུལ་བ།

ཁྲི་ཚ་སྐལ་སྒྲོན།

འདྲེན་བྱེད་ཡངས་པོར་བརྩེ་བའི་པད་དཀར་གཟུགས།།

རྣམ་པར་བཀྲ་བའི་གདུལ་བྱ་བུང་བའི་ཚོགས།།

ཀུན་ནས་ཕྱོགས་སུ་བསྐྱོད་ལ་སྙན་པའི་དབྱངས།།

བྱིན་སྣང་འདོད་དགུར་སྩོལ་བའི་དབྱངས་ཅན་མ།།

རེ་ཞིག་བདག་བློ་དམན་པའི་དབུས་སུ་བྱོན།།

ནམ་ཟླ་སྟོན་གྱི་རི་ལ་གསེར་ཞུན་བྱུགས།།

རོང་ས་དམར་བོའི་གཞོངས་ལ་ལོ་ཡག་སྨིན།།

འགྲོ་ཀུན་བཀྲ་ཤིས་སྣང་བའི་འཚོ་སྡོད་གཞིར།།

སློབ་གསོའི་ཉི་གཞོན་དཔལ་གྱིས་འཚེར་བའི་མོད།།

དགེ་རྒན་དུས་སྟོན་ཉིན་མོ་སེམས་ཀྱིས་མཆོད།།

སྙིང་དབུས་པདྨོ་འཛུམ་པའི་གུར་ཁང་ན།།

ལེགས་བཤད་བདུད་རྩིའི་ཟིལ་བ་ཕྱོགས་སུ་གཏོར།།

བརྩེ་དགའི་བཅུད་ལ་རོལ་བའི་བྷྲཿམ་རར།།

ཟིལ་དངར་གེ་སར་གཞིབ་ལ་ཕངས་མེད་པའི།།

སྐྱེ་རྒུའི་བཤེས་སུ་འབོད་པ་ཀུན་ལས་རྒྱལ།།

ཞལ་གསུང་ཆུ་གཏེར་བརྡོལ་བའི་ཀློང་ཡངས་སུ།།

བསྔགས་པའི་དར་ལ་ཚོན་གྱིས་རྒྱན་སྤུད་དེ།།

མཛད་པའི་ཆུ་རླབས་རྩེན་པའི་དབྱིངས་རུམ་ན།།

ངལ་མེད་བསྐྱོད་ལ་ཡོན་ཏན་མཛོད་འདྲེན་པའི།།

སེམས་པའི་གྲུ་ཆེན་དགེ་བའི་བཤེས་གཉེན་མཆོག།།

དཔེ་ཁྲིད་གཤིས་སྐྱོང་སྡིངས་ཆའི་དཀྱིལ་འཁོར་འོག །།

ལུས་རྟེན་གསེར་གྱི་ཡུ་བ་མ་གས་པར།།

སེམས་གཤིས་དངུལ་གྱི་རང་མདངས་མ་ཡལ་བར།།

སློབ་གསོའི་པང་བར་ཡུན་རིང་གནས་བཅས་པ།།

བརྩེ་བས་མི་འདོར་དམ་པ་རྣམས་ལ་བསྟོད།།

གཟི་མིག་མདངས་སུ་བརྩེ་བའི་འོད་འཕྲོ་ཞིང་།།

དཀའ་བ་གཞལ་མེད་གྲངས་ཀྱིས་འདས་ན་ཡང་།།

དགའ་བའི་རྣམ་འགྱུར་གདོང་ལ་ཉེར་བསུས་ཏེ།།

སློབ་གཉེར་ཕོ་མོ་འདྲ་མཉམ་སྐྱོང་མཁས་པ།།

མཛད་འཕྲིན་ཀུན་ལས་འཕགས་པའི་དེད་དཔོན་བཀུར།།

ཐོས་འཛིན་དབྱངས་གསལ་སྒྲ་དག་རྒྱུ་བའི་ལམ།།

སྟེང་གི་ཇུས་ལུགས་འགན་བབ་བགྱི་བའི་ལས།།

ལག་བསྟར་དངོས་འབེབས་ཡིག་ཚགས་སྣ་ཚོགས་པ།།

འདྲུད་པའི་འཁོར་ལོ་བརྒྱ་ཡིས་མི་ཐེག་པ།།

དམ་པས་ངལ་མེད་ནུས་ལ་སུས་མི་བསྟོད།།

ལེགས་བྱས་རིག་གནས་སྦྱོང་བའི་ཁོར་ཡུག་ཏུ།།

ཕུན་ཚོགས་སྦྲང་ཆར་ཤག་ཤག་འཇོ་བའི་གཞིར།།

ཕྲ་ཚོམ་མེ་ཏོག་བཏབ་འདྲའི་ཐོས་པའི་ཚོགས།།

དྲི་འཛིན་ཡུལ་ལ་དགའ་བདེས་དཔལ་སྟེར་བའི།།

སེམས་ཀྱི་མཆོད་པ་གཙུག་གི་ཉི་མར་འབུལ།།

འཁོར་བའི་ཆུ་འཛིན་གཡོ་བའི་གྲལ་མཐའ་རུ།།

རང་དོན་སྨིག་རྒྱུ་གང་སར་མཆེད་ན་ཡང་།།

གཞན་གྱི་བྱིས་པ་སེམས་ཀྱིས་གུར་ཕུབ་ནས།

ཆར་ཞོད་གཞོལ་ལ་ཕན་པའི་དྲོད་སྦྱིན་པ།།

དོན་མཐུན་བུ་སློབ་དགའ་བའི་མགོན་ལ་བཞུགས།།

མི་ཚེ་རིང་མོའི་བཞུད་ལམ་ཡངས་པོ་རུ།།

དོན་གཉེར་གྲངས་མེད་ཅིག་ལ་ལམ་སྟོན་པའི།།

མགོན་ཁྱོད་མི་གཤིས་བཅོས་ལ་ཐབས་ལེགས་ཤིང་།།

དྲང་བདེན་ཆོག་ཤེས་བརྩི་ལ་བློ་དཀར་བ།།

སློབ་སྟོན་གཟུ་བོར་སྐྱོང་དེ་བསྔགས་པའི་ཡུལ།།

ཤར་རིའི་རྩེ་ནས་སྟོན་ཟླ་གསལ་བའི་འཛུམ།།

རིག་པའི་གླིང་གར་བསིལ་བར་སྤྲོ་བའི་གཞིར།།

དགེ་སློབ་མང་པོ་སྐར་ཚོགས་བཀྲ་བ་ལ།།

ལྷན་ཅིག་བདག་བློ་ཨུཏྤལ་ཡོངས་བཞད་ནས།།

སེམས་ཀྱི་མཆོད་པ་ཤིས་པའི་སྐྱེས་སུ་འདྲེན།།

2018.9.10གུང་གསེང་དུ་སྦྱར་བ་དགེའོ།།

3

版权信息

Copyright © 2017 Thonmi.net All Rights Reserved.པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག
邮箱:khatse@qq.com
青ICP备12000419号-1 公安备案号:63010502000013